ཀ་མེད་མིན་པར་ནུས་པ་ཆ་ཚང་ལྡན།
ཁ་གྲངས་ཉུང་ཡང་གཅིག་ཏུ་སྒྲིལ་ནས་ཡོད།
ག་ཆད་མེད་པར་རང་བཙན་བརྩོན་བཞིན་དུ།
ང་ང་མ་ཟེར་མཐུན་པའི་ལས་གདང་སྦྲེལ།
ཅ་ཅོ་མ་བྱེད་རྒྱལ་ཞེན་གནང་བར་མཛོད།
ཆ་ལུགས་བཟང་བའི་ཐབས་ནས་རང་བཙན་ལོན།
ཇ་ཁ་ལྟ་བུའི་སེར་མདངས་ཆགས་པ་བཞིན།
ཉ་རའི་རིག་གཞུང་འཛམ་གླིང་ཡོངས་སུ་སྤེལ།
ཏ་ཀུ་འཁུར་མཁན་བོད་མི་ཡིན་ན་ཡང།
ཐ་ཚིག་བཞག་ནས་རིག་གཞུང་གཞན་ལ་བསླབ།
ད་ཆ་མི་ཡུལ་ས་མཐའ་འགྲིམས་ན་ཡང།
ན་ཚོད་རང་རིགས་རིག་གཞུང་མི་ཉམས་འཛིན།
པ་ལགས་མང་པོ་བོད་དུ་ལུས་ནས་ནི།
ཕ་མས་རང་ཕྲུག་ལོ་མང་མི་མཐོང་ཡང།
བ་འི་རྩ་སྡུམ་ལྟ་ཞིག་ཕྱིན་ན་ཡང།
མ་བརྗེད་རང་ཡུལ་ཕ་མ་སེམས་ལ་ཡོད།
ཙ་རི་དེ་ཉིད་མ་མཐོང་ཡུན་རིང་སོང།
ཚ་ཟེར་ཆེ་བའི་མི་ཡུལ་བསྡད་དགོས་བྱུང།
ཛ་ལང་ག་ཚོད་བོད་མིར་གཏང་ན་ཡང།
ཝ་ལེར་རྒྱལ་གཅེད་འབོད་སྒྲ་སྒྲོག་བཞིན་ཡོད།
ཞ་བོ་ལྟ་བུ་ཡིན་པས་རྒྱ་ནག་གཞུང།
ཟ་ང་ཟིང་ངེ་བོད་མིར་མནར་བཅོས་གཏང།
འ་ཅག་གཅིག་པོར་མིན་པར་བོད་མི་ཡོངས།
ཡ་ཡོ་མེད་པར་རང་བཙན་སེམས་ལ་བཅང།
ར་རི་མེད་པ་སེམས་པ་གཙང་མ་ཡིན།
ལ་ཉེ་ཚང་མ་རང་བཙན་ལེན་ལ་འབད།
ཤ་བོ་ལྟ་བུའི་རྒྱ་ནག་གཞུང་དེ་ནི།
ས་ལེ་བ་ལྟར་རྫུན་རྐུབ་དོན་ཡོང་ངོ།
ཧ་ཅང་ཛ་དྲག་ཆེ་བའི་དུས་སྐབས་འདིར།
ཧ་ཧ་དགོད་ཅིང་གཡེང་ནས་མ་བཞུགས་པར།
ཨ་ཁ་ཁ་ཞེས་འགྱོད་པ་མ་སྐྱེས་གོང།
ཨ་ཕྲུག་ང་ཚོས་འབད་པ་གསན་པར་བཞུ།
No comments:
Post a Comment