Labels

Showing posts with label སྙན་ངག་. Show all posts
Showing posts with label སྙན་ངག་. Show all posts

Saturday, 6 December 2014

སྙན་ངག།།།

སོན་དང་ཀ་ཡེ་བརྩེ་བའི་དགེ་གྲོགས་ལགས།
ཁྱེད་ཀྱི་སྙེན་ངག་ལེགས་པོར་ཐེང་མང་ཀློག།
བློ་དཀར་བྷུན་ཏའི་ཕོ་གསར་སྙིང་དབུས་སུ།
གཏམ་མེད་སེམས་འཚོར་དྲག་པོ་སྙན་ལམ་བྲིས།

ལྷ་མོའི་གཟུགས་ཅན་བྷུན་ཏའི་ན་མོ་ཡི།
མཚོན་མང་གློག་འགྱུར་བདེ་བའི་རང་བཞིན་འཛིན།
དྲོད་ལྡན་བྷུན་ཏའི་ཉི་བུར་མ་བལྟ་བར།
ཉི་བུས་དྲོད་འོད་ནམ་ཡང་ཉམས་མི་སྲིད།

གློག་ལྡན་ཉ་ཕོར་འཕྲུལ་བའི་ལྦལ་མོ་ཡིས།
ལོ་མང་ལྷན་ཤིབས་བྱེད་པའི་ཕོ་ཉའི་མདུན།
སྣང་མེད་འཕྱོར་ཉམས་བྱེད་ནས་འཕང་པ་ཡི།
སྐྱེ་མ་   སྣང་མེད་ནོར་བུ་འབོར་བ་འགྱོད་ནས་ཡོང།

སྐྱོ་དུས་སྐྱོ་བཤད་བྱས་ས་ང་ཚོ་འཛིན།
སྐྱིད་དུས་བློ་ཟུར་ལ་ཡང་ང་ཚོ་མེད།
བྷུན་མོའི་གཏན་མེད་སེམས་པ་མངོན་པས་དུས།
བྷུན་ཧའི་ཉི་བུའི་སྙིང་ནས་སྙིང་རེ་རྗེ།།    ཨང།།།།།།

Tuesday, 8 April 2014

ཀ་རྩོམ་དྲིན་ཆེན་ཨ་མ།།



བརྗེད་དཀའ་བའི་དྲིན་ཆེན་ཨ་མའི་བཀའ་དྲིན།

ཀ་མ་རུ་ལ་ཡི་གི་བཀོད་ཡོད་ཀྱང།
ཁ་ཏ་ཁྱེད་ཀྱི་ང་ལ་ཡང་ཡང་གནང།
ག་བྱེད་མེད་པ་ཁྱེད་ཀྱི་སྐུ་ལས་སྐྱོན་།
ང་རོ་མེད་པའི་བསླབ་བྱ་མང་མང་གནང་།

ཅ་འབྱེད་བྱེད་འམ་མི་བྱེད་ཁྱེད་ཀྱིས་བཤད་།
ཆ་རྐྱེན་ཚང་མ་ཁྱེད་ཀྱིས་ང་ལ་གནང་།
ཇ་ཞིམ་ལྟོ་ཞིམ་ཨ་མ་ཁྱེད་ཀྱིས་བཟོས་།
ཉ་ག་མེད་པའི་བརྩེ་བ་ཁྱེད་ཀྱིས་སྤྲད་།
ཏ་ཀུ་མེད་པའི་ཡང་ཡང་གཡ་སར་བཀོད་།
ཐ་གེ་ཙམ་ཡང་ངལ་གསོ་ཁྱེད་ལ་མེད་།
ད་དུང་ཡིན་ཡང་བརྩེ་བ་ཆེན་པོ་སྤྲད་།
ན་བུན་གཏུམ་ཡང་ཁྱེད་རང་ཡིད་ལ་དྲན་།
པ་ལགས་མེད་ཀྱང་ལས་འགན་ཁྱེད་ཀྱི་འཁྱེར་།
ཕ་མ་གཉིས་ཀ་ཨ་མ་ཁྱེད་རང་ཡིན་།
བ་སོ་ལྟ་བུའི་རྩ་ཆེན་ཨ་མ་ཁྱེད་།
མ་གདན་ལྟ་བུའི་ང་ཡི་མི་ཚེ་བཟོས་།

ཙ་རི་གནས་ལ་གངས་ཀྱིས་བཏུམས་པ་དེ་།
ཚ་བ་ཆེ་ཡང་བཞུར་རྒྱུ་མེད་པ་ནི་།
ཛ་རི་སྡོང་ལས་ལོ་མ་མི་ལྷྱུར་ལྟར་།
ཝ་ལེར་བྱས་ཀྱང་ཁྱེད་རང་བརྗེད་ཐབས་མེད་།

ཞ་བོ་མེད་པ་དབང་ཐང་ཁྱེད་ཀྱིས་སྐྱང་།
ཟ་ཟ་ཁྱེད་རང་ཡིད་ལ་བཅང་ནས་ཡོད་།
འ་འུར་ཆེ་ཡང་གསུངས་སྐད་སྣ་བར་ཐོས་།
ཡ་ང་སྙིང་རྗེ་ཆེ་བའི་ཨ་མ་ལགས་།

ར་བ་མེད་པའི་བརྩེ་གདུང་ལྷད་མེད་སྤྲད་།
ལ་ཉེ་ཡོད་པ་ཁྱེད་ཀྱི་ང་ལ་བཟོས་།
ཤ་ཚ་ཆེ་བའི་དྲིན་ཆེན་ཨ་མ་ཁྱེད་།
ས་སྲོས་དུས་ལའང་བརྩེ་བ་ཤར་ནས་ཡོད་།
ཧ་ཅང་ཐག་རིང་ཨ་མ་ཁྱེད་ཡོད་ཀྱང་།
ཧ་ལམ་ང་ཡི་འགྲམ་ལ་ཡོད་པ་འདྲ་།
ཨ་མ་ཁྱེད་རང་མྱུར་མཇལ་སྨོན་ལམ་ནི་།
ཨ་འཐས་ང་ཡི་སེམས་ལ་བཅང་ནས་ཡོད་།




སྙིང་སྡུག་དྲན་གླུ།།།

དྲན་གྱི་འདུག་བུ་མོ་ལགས།།



བུ་ངའི་ལས་ལ་བཀོད་པའི།
བུ་མོ་ཡིད་འཕྲོག་ལྷ་མོ།
ཁྱིད་རང་བྲལ་བ་རས་བཟུང།
མི་ཚེ་སྙིང་པོ་མི་འདུག།
ཚེ་སྔོན་ལས་ཀྱི་དབང་ཀྱི།
ནད་དང་ཁྱེད་རང་འཕྲད་པས།
བུ་ཆུང་ང་དང་ཁྱེད་རང།
མི་འདོད་བྲལ་དགོས་ཐུབ་སོང།
ཁྱེད་རང་དྲན་པའི་སྐབས་ལ།
བྱེད་ཐབས་གང་ཡང་ནེད་དུས།
ཁྱེད་ཀྱི་སྤར་ལ་བལྟ་ནས།
མཆི་མ་རིལ་རིལ་ཤོར་སོང།


མཚམ་མོ་ཉལ་བའི་སྐབས་ལ།
དྲན་རྒྱུ་ཁྱེད་ལས་མི་འདུག།
རྨི་ལམ་ནང་དུ་ཡིན་ཡང།
མཇལ་རྒྱུ་ཁྱེད་ལས་མི་འདུག།
ང་དང་ཁྱེད་ཀྱི་བར་ལ།
ལས་འགྲོ་ཨེ་ཡོད་བསམ་ཡང།
ང་གཉིས་བར་གྱི་བརྩེ་བ།
འགྱུར་བ་ཐེབས་ས་མ་རེད།

ཁྱེད་ལ་སྤྲིངས་པའི་བརྩེ་བ།
རྫུན་མ་རེད་འདུག་མ་བསམ།
ཁྱེད་རང་མེད་པའི་མི་ཚེ།
བུ་ཆུང་ང་ལ་མི་དགོས།
ཞོགས་པ་ལངས་པའི་སྐབས་དང།
མཚན་མོ་མཉལ་པའི་སྐབས་ལ།
བུ་མོ་ཁྱེད་རང་དྲན་དུས།
སེམས་པ་ཞེ་དྲག་སྐྱོ་གི།
ཁྱེད་རང་རེ་རེ་དྲན་དུས།
སྙིང་ལ་ན་ཟུག་གཏང་གི།
བུ་མོ་མཛེས་ལྡན་ལྷ་མོ།
ག་དུས་ལོག་ནས་ཡོང་གི།
ཁྱེད་རང་དྲག་པའི་དོན་དུ།
ག་དུས་ཡིན་ཡང་བུ་ངའི།
བླ་མ་དཀོན་མཆོག་གསུམ་ལ།
སྨོན་ལམ་ཡང་ཡང་གཏབ་ཡོད།



ཁྱེད་རང་སྒུག་ནས་བསྡད་ཡོད།
མགྱོགས་པོ་ཕེབས་རོགས་གནང་ངད།
བུ་ཆུང་ང་ཡི་འགྲམ་ལ།
ལོག་ནས་མགྱོགས་པོ་ཕེབས་དང།།






Tuesday, 10 December 2013

ལོ་འཁོར་གཅིག་གི་འཚོར་བ།



                                   
ལོ་འཁོར་གཅིག་གི་འཚོར་བ།



ཀ་ཡེ་གསོན་དང་གཞོན་ནུ་ཕོ་མོ་རྣམས།
ཁ་རོགས་སྡོད་ན་སེམས་གྱི་མ་བཟོད་པར།
ག་ཤེས་བྱེད་ན་བུན་ཏར་སྡད་པའི་རིང།
ང་ཡི་ཡིད་ལ་འཚོར་བ་འདི་ལྟར་ཤར།

ཅ་རེ་གོམས་གསིས་བཟང་པོ་འདི་ནས་སྦྱང།
ཆ་ལུགས་བཟང་བའི་བོད་མིའི་གཤིས་སྤྱོད་སྦྱང།
ཇ་ཁ་གསེར་མདངས་འདྲ་བ་སློབ་ཕྲུག་ལ།
ཉ་ག་མེད་པའི་དཀུན་གྱི་བློ་མུན་གསལ།

ཏ་ཏིའུ་འབྲེལ་བཟང་དགེ་སློབ་གཉིས་བར་གནས།
ཐ་རམས་ཤེས་ཡོན་ལྡན་པའི་སློབ་དཔོན་གྱི།
ད་ལིས་དྲི་ཞིམ་འདྲ་བ་ཤེས་ཡོན་སྤེལ།
ན་ནིང་མེད་པའི་གོམས་གཤེས་གསར་པ་བསླེབས།

པ་ཕ་བརྩེ་ཅན་འདྲ་བའི་དབུ་འཛིན་ཡོད།
ཕ་ཡུལ་གངས་ཅན་འདྲ་བའི་ཡུལ་ལྗོངས་འདིར།
བ་ཚྭ་ལྟར་ཞིང་མེད་པར་བོད་ཕྲུག་ཚོར།
མ་རྨོས་ལོ་ཏོག་ལྟར་ཞིང་ཤེས་ཡོན་སྤེལ།



ཙ་ཀ་ལི་ལྟར་མཛེས་པའི་བུན་ཏར་འདི།
ཚ་བ་མེད་པའི་གནམ་གཤིས་ཤིན་ཏུ་སྐྱིད།
ཛ་ཏི་ལོ་མ་འདྲ་བའི་ཤེས་ཡོན་དེ།
ཝ་ལེར་བྱེད་ནས་སློབ་ཕྲུག་དཀུན་ལ་སྤེལ།

ཞ་ལུ་འདྲ་་བའི་ང་ཚོའི་མི་ཚེ་བཟོས།
ཟ་ཟ་མེད་ཡང་དེ་ཚུངས་བ་བརྩེ་བ་འཐོབ།
འ་འུར་མེད་པའི་སློབ་སྦྱོང་བྱེད་སར་འདིར།
ཡ་མཚན་བུན་ཏར་བསླེབས་པར་བསོད་ནམ་ཆེ།

ར་བ་འདི་ནང་གནས་པའི་ལོ་འདི་ནང།
ལ་ཉེ་ཡོད་པ་ཚང་མ་སྟོན་ཐབས་མཆེད།
ཤ་སྟག་ཆེ་བའི་ངང་ནས་འཐུན་རྐྱེན་དང།
ས་སྲོས་མེད་པ་ང་ཆོའི་སེམས་ཤུགས་སྤར།

ཧ་ཅང་སྐྱིད་པའི་ཤེས་བྱའི་ར་བ་འདིར།
ཧ་ཧ་དགོད་ཅིང་དཀུན་དང་མཐུན་པོ་ཆགས།
ཨ་ཅང་སྐྱིད་པའི་མཐོ་སློབ་འདིར་བསླེནས་རྗེས།
ཨ་ཕྲུག་ང་ཚོས་ཤེས་ཡོན་ཐོག་ལ་འབད།།

Friday, 6 December 2013

དྲིན་ཆེན་སྐྱེད་མ།



                   དྲིན་ཆེན་སྐྱེད་མ།
                                                
                                                          སྨན་ཕྲུག་ཚེ་རིང་ནས།།…………….

     




 སྐྱེད་མ་ཞེས་པ་སྣ་བར་ཐོས་མ་ཐག།
ཁྱེད་ཀྱི་བཀའ་དྲིན་ཡིད་ལྷང་ལྷང་དྲན།
དེ་དག་དྲན་མ་ཐག་དུ་གུས་པའི་མིག།
མིག་ཆུའི་རྒྱུག་ཆུ་བཞིན་དུ་དལ་གྱི་བཞུར།

 མི་ཚེ་ཧྲིལ་པོ་སྡུག་བསྔལ་དཔག་མེད་མྱོང།
ན་ཟུག་ཚང་མ་སྐྱེད་མའི་སེམས་ནང་ཉར།
དཀའ་ངལ་འཕྲད་ཀྱང་གདོང་ལེན་གཅིག་པོ་བྱེད།
སྡུག་བསྔལ་འཕྲིན་པོ་གུས་པར་མི་ཡོང་ཟབ།

དངུལ་བསགས་དོན་དུ་ཟས་ཞིམ་ཁྱེད་མི་བཟའ།
གྱོན་ཆས་ཡིན་ཡང་གསར་པ་ཁྱེད་མི་གྱོན།
ཁྲག་བསགས་སྣག་བསགས་བྱེད་པའི་ཕྱག་དངུལ་དེ།
གུས་པའི་ཤེས་ཡོན་དོན་དུ་ཁྱེད་ཀྱི་བཏང།

ཁྱེད་ཀྱི་དཀའ་ལས་མྱོང་པ་དེ་དྲན་དུས།
གུས་པའི་སེམས་ཀྱི་གཏིང་ནས་ན་ཟུག་ལངས།
དེ་རིང་ན་ཟུག་ཚང་མ་གུས་པ་ཡི།
ཤོག་བུའི་སྟེང་དུ་སྙན་ངག་ངང་ནས་བཀོད།

གདོང་པའི་གཉེར་མ་ཉུང་དུ་གཏོང་མི་ཐུབ།
མགོ་བོའི་སྐྲ་དཀར་ནུང་དུ་གཏོང་རྒྱུ་དཀའ།
འོན་ཀྱང་ཁྱེད་ཀྱི་བཀའ་དྲིན་འཇལ་བའི་ཆེད།
གུས་པའི་སློབ་སྦྱོང་ཐོག་ལ་འབད་ན་དགའ།




 ཚེ་སྔོན་ལས་བཟང་རྐྱེན་གྱི་ཚེ་འདི་ནང།
སྐྱེད་མ་ཁྱེད་ལ་གུས་པར་བུ་རུ་སྐྱེས།
སྐྱེས་བ་ཕྱི་མ་ཡིན་ཡང་ཁྱེད་རང་གི།
བུ་རུ་སྐྱེས་པའི་སྨོན་ལམ་བུ་ངས་འདེབས།

དཀའ་ངལ་གང་འདྲ་འཕྲད་ཀྱང་གུས་པ་ཡི།
ཁ་ནས་སྐྱེད་མ་ཞེས་པའི་ཚིག་དེ་འབོད།
ཁྱེད་རང་མེད་པའི་མི་ཚེ་དེ་དག་ནི།
བསམ་བློ་ནང་ལ་འཁོར་རྒྱུ་ཤིན་ཏུ་དཀའ།

མི་ཚེ་ནང་ལ་ཁྱེད་རང་ཡོད་ན་ནི།
སྡུག་བསྔལ་ག་ཚོད་ཡོད་ཀྱང་མཉམ་དུ་སྐྱེལ།
ཁྱེད་རང་མེད་པའི་མི་ཚེ་སྐྱིད་པོ་ཡང།
སྐར་ཆ་གཅིག་ཀྱང་དགོས་པ་དག་ལ་མེད།


དཀའ་ངལ་སྡུག་ངལ་གང་འདྲ་འཕྲད་ན་ཡང།
ཁྱེད་རང་མཇལ་བ་ཙམ་གྱི་ཆང་མ་རྗེས།
ཁྱེད་ནི་ང་ཡི་བདེ་སྐྱིད་རྩ་བ་ཡིན།
དྲིན་ཆེན་སྐྱེད་མ་སྐུ་ཚེ་བརྟན་པར་ཤོག།།