Labels

Monday, 24 December 2012

ཆུང་འདྲིས་བྱམས་པ



བུ་ངའི་ཆུང་འདྲིས་བྱམས་པ།
ཁྱེད་རང་ཡིད་ལ་དྲན་གྱི།
ཁྱེད་རང་དྲན་དང་མི་དྲན།
མཆི་མས་གཡས་སྐོར་རྒྱབ་ཀྱི།
ཁྱེད་རང་དྲན་པའི་དུས་ལ།
བྱེད་ཐབས་གང་ཡང་མི་འདུག།
གླུ་འདི་ཁྱེད་ལ་སྤྲིངས་དུས།
ཁྱེད་རང་སེམས་ལ་ཤར་གྱི།
ཉི་འོད་རྒྱང་ན་ཡོད་ཀྱང།
མེ་ཏོག་མང་པོ་བཞད་ཀྱི།
ཁྱེད་རང་འགྲམ་ལ་མེད་ཀྱང།
བསམ་བློ་ཡང་ཡང་འཁོར་གྱི།
ཕྱི་ཡི་མདོག་ལ་མ་ལྟོས།
ནང་གྱི་སེམས་ལ་ལྟོས་དང།
ས་ཕྱོགས་གང་ན་ཡོད་ཀྱང།
ཁྱེད་རང་དྲན་ནས་སྡད་ཡོད།
བྱམས་པ་ཁྱེད་ཀྱི་ང་ལ།
བརྩེ་བ་ལྷད་མེད་སྤྲད་ན།
བུ་ཆུང་ང་རང་ཡིན་རང།
བརྩི་བ་ཁྱེད་ལ་སྤྲད་ཆོག།
རྒྱ་སེ་མེ་ཏོག་བཞིན་དུ།
དྲི་ཞིམ་ཁྱེད་ལ་ཡོད་ན།
ནམ་ཡང་འགྱུར་བ་མེད་པའི།
བརྩེ་གདུང་ཁྱེད་ལ་ཕུལ་ཆོག།
བརྩེ་བ་ཚུར་ལ་མེད་དུས།
ཕར་ལ་སྤྲད་ན་ཆོ་མེད།
ཕན་ཚུན་གཉིས་ཀྱི་བར་ལ།
ཡིད་ཆེད་ལྷད་མེད་བཅང་དགོས།
ངེད་གཉིས་བར་ཀྱི་བརྩེ་བ།
འགྱུར་བ་མ་ཡོང་བའི་མཆེད།
བླ་མ་དཀོན་མཆོག་གསུམ་ལ།
རྒྱུན་དུ་སྨོན་ལམ་བཏབ་ཡོད།

1 comment: