Labels

Wednesday, 7 November 2012

ངའི་མཐོ་སློབ་

ངའི་མཐོ་སློབ་

བུ་ཆུང་ང་ཡི་སེམས་ནང།
མཐོ་སློབ་ཀུན་གྱི་ནང་ནས།
བྷུན་ཏར་མཐོ་སློབ་དེ་ནི།
གཞན་དང་མི་འདྲ་ཞིག་གོ།

མཐའ་སྐོར་རི་ཡི་སྐོར་ཡོད།
རླུང་ཁམས་སིལ་ཞིང་གཙང་བ།
གནམ་གཤིས་ཚ་དྲོད་སྙོམས་པོ།
རྒྱུག་ཆུ་ལྷུང་ལྷུང་རྒྱུག་གྱི།

མཐོ་སློབ་དེ་ན་ཡོད་པའི།
སློབ་ཕྲུག་ལྔ་བཅུ་ང་གསུམ།
ཡ་རབས་སྤྱོད་བཟང་ལྡན་པ།
མ་འོངས་དགེ་རྒན་ཡིན་ནོ།

རྒྱུ་རྩལ་སྡེ་ཚན་སྦྱང་མཁན།
ཕྲུ་གུ་གསུམ་བཅུ་སོ་གཅིག།
ཕན་ཚུན་ནང་ཁུལ་ཆམས་པོ།
མ་འོངས་སོན་རྩ་ཡིན་ནོ།

ཚན་རིག་སྡེ་ཚན་སྦྱང་མཁན། 
སློབ་ལ་འབད་རྩོན་གནང་མཁན།
མ་འོངས་བོད་ཀྱི་སོན་རྩ།
ཕྲུ་གུ་ཉི་ཤུ་རྩ་གཅིག།
  
མཐོ་སློབ་དེ་ན་བསླབ་མཁན།
སློབ་སྦྱོང་ཚད་དང་ལྡན་པ།
དགེ་རྒན་ཡོ་དོ་གཅོག་པ།
སློབ་ཁྲིད་ལེགས་པར་བྱས་གྱི།














 

No comments:

Post a Comment