ཀ་ཁ་ག་ང་སྦྱོང་པའི་གོ་སྐབས་དེ།
ཁ་བའི་ལྗོངས་ལ་མེད་པ་ང་ཚོའི་ཤེས།
ག་དུས་ཡིན་ཡང་རྒྱ་སྐད་ཤ་སྟགས་བསླབ།
ང་ཚོ་བོད་ཡིག་སྦྱང་ངོ་བོད་མི་རྣམས།
ཅ་རེ་བོད་སྐད་རྒྱབ་དང་བོད་མི་རྣམས།
ཆ་ལུགས་ཡིན་ཡང་ཡ་རབས་སྤྱོད་ལྡན་གྱི།
ཇ་དང་ལྟོ་ལ་ཐོམ་ནས་་མ་སྡད་བྱས།
ཉ་ར་དང་ལྡན་རིགས་གཞུང་རྫིན་པར་གྱི།
ཏ་ཟིག་རྣམས་ཀྱི་བཟོས་པའི་རིག་གཞུང་དེ།
ཐ་གེ་ཙམ་ཡང་མི་རླག་ང་ཚོས་འཛིན།
ད་བེར་ལྟ་བུའི་ང་ཚོས་རིག་གཞུང་དེ།
ན་རེ་བའི་ངང་ང་ཚོས་འཛིན་ནས་ཡོད།
པ་ཡི་རྗེས་ལ་ཕ་ཡིན་ཚང་མའེ་ཤེས།
ཕ་ཡུལ་བོད་དེ་བོད་མིའི་ཡིན་པར་ངེས།
བ་ཤ་ཀ་ལྟར་སྐྱེས་རྗེས་མི་བསྡད་ལྟར།
མ་རྗེད་ང་ཚོས་སྙིང་ལ་བཅང་ནས་ཡོད།
ཙ་ར་གང་འདྲ་བཅད་ཀྱང་གསལ་པོ་ཡིན།
ཚ་བ་མེད་པའི་ཡིད་འོང་གངས་ལྗོངས་དེ།
ཛ་ལང་བོད་མིར་ག་ཚོད་གཏང་ན་ཡང།
ཝ་ལེར་བྱས་ནས་རང་བཙན་རག་པར་ངེས།
ཞ་བོ་མེད་པའི་མཉམ་འབྲེལ་རྒྱལ་ཚོགས་རྣམས།
ཟ་ཟིང་མེད་པའི་བོད་ཀྱི་གནད་དོན་དེ།
འ་འུར་ཆེ་བའི་བོད་ཀྱི་ངུ་འབོད་རྣམས།
ཡ་ང་སྙིང་རྗེ་སྒོམ་ནས་གསན་པར་ཞུ།
ར་ཕྲོད་ང་ཚོའི་རྟག་ཏུ་བྱེད་པ་བཞིན།
ལ་མོར་ང་ཚོའི་བོད་ཀྱི་གནད་སྟངས་ལ།
ཤ་ཚ་ སྒོམས་ནས་ཐེངས་གཅིག་གཟིགས་རྒྱུ་དེ།
ས་ཡ་དྲུག་གི་འབོད་སྐུལ་གསན་པར་ཞུ།
ཧ་གོ་ཐུབ་པའི་ང་ཚོའི་དཀའ་ངལ་དེ།
ཧ་ལམ་གང་མྱུར་བསལ་བའི་སྨོན་མདུན་ཡོད།
ཨ་རིར་ཡོད་ཀྱང་འབོད་དོན་དེ་རང་ཡིན།
ཨ་ཙི་སེམས་ཤུགས་མ་ཆགས་བོད་མི་རྣམས།