Labels

Friday 23 November 2012

འབེལ་གཏམ་སྙིང་གྱི་རང་སྦྲགས།


ཀ་ཁ་ག་ང་སྦྱོང་པའི་གོ་སྐབས་དེ།
ཁ་བའི་ལྗོངས་ལ་མེད་པ་ང་ཚོའི་ཤེས།
ག་དུས་ཡིན་ཡང་རྒྱ་སྐད་ཤ་སྟགས་བསླབ།
ང་ཚོ་བོད་ཡིག་སྦྱང་ངོ་བོད་མི་རྣམས།
                        ཅ་རེ་བོད་སྐད་རྒྱབ་དང་བོད་མི་རྣམས།
                       ཆ་ལུགས་ཡིན་ཡང་ཡ་རབས་སྤྱོད་ལྡན་གྱི།
                       ཇ་དང་ལྟོ་ལ་ཐོམ་ནས་་མ་སྡད་བྱས།
                       ཉ་ར་དང་ལྡན་རིགས་གཞུང་རྫིན་པར་གྱི།
ཏ་ཟིག་རྣམས་ཀྱི་བཟོས་པའི་རིག་གཞུང་དེ།
ཐ་གེ་ཙམ་ཡང་མི་རླག་ང་ཚོས་འཛིན།
ད་བེར་ལྟ་བུའི་ང་ཚོས་རིག་གཞུང་དེ།
ན་རེ་བའི་ངང་ང་ཚོས་འཛིན་ནས་ཡོད།
                                པ་ཡི་རྗེས་ལ་ཕ་ཡིན་ཚང་མའེ་ཤེས།
                                ཕ་ཡུལ་བོད་དེ་བོད་མིའི་ཡིན་པར་ངེས།
                                བ་ཤ་ཀ་ལྟར་སྐྱེས་རྗེས་མི་བསྡད་ལྟར།
                                མ་རྗེད་ང་ཚོས་སྙིང་ལ་བཅང་ནས་ཡོད།
ཙ་ར་གང་འདྲ་བཅད་ཀྱང་གསལ་པོ་ཡིན།
ཚ་བ་མེད་པའི་ཡིད་འོང་གངས་ལྗོངས་དེ།
ཛ་ལང་བོད་མིར་ག་ཚོད་གཏང་ན་ཡང།
ཝ་ལེར་བྱས་ནས་རང་བཙན་རག་པར་ངེས།
                                ཞ་བོ་མེད་པའི་མཉམ་འབྲེལ་རྒྱལ་ཚོགས་རྣམས།
                                ཟ་ཟིང་མེད་པའི་བོད་ཀྱི་གནད་དོན་དེ།
                                འ་འུར་ཆེ་བའི་བོད་ཀྱི་ངུ་འབོད་རྣམས།
                                ཡ་ང་སྙིང་རྗེ་སྒོམ་ནས་གསན་པར་ཞུ།
ར་ཕྲོད་ང་ཚོའི་རྟག་ཏུ་བྱེད་པ་བཞིན།
ལ་མོར་ང་ཚོའི་བོད་ཀྱི་གནད་སྟངས་ལ།
ཤ་ཚ་ སྒོམས་ནས་ཐེངས་གཅིག་གཟིགས་རྒྱུ་དེ།
ས་ཡ་དྲུག་གི་འབོད་སྐུལ་གསན་པར་ཞུ།
                                ཧ་གོ་ཐུབ་པའི་ང་ཚོའི་དཀའ་ངལ་དེ།
                                ཧ་ལམ་གང་མྱུར་བསལ་བའི་སྨོན་མདུན་ཡོད།
                                ཨ་རིར་ཡོད་ཀྱང་འབོད་དོན་དེ་རང་ཡིན།
                                ཨ་ཙི་སེམས་ཤུགས་མ་ཆགས་བོད་མི་རྣམས།

Tuesday 20 November 2012

དྲིན་ཆེན་ཨ་མ་


དྲིན་ཆེན་ཨ་མ་
ང་ལ་མི་ཚེ་གནང་མཁན།
བུ་ངའི་དྲིན་ཆེན་ཨ་མ།
ས་མཐའ་རྒྱང་ན་ཡོད་ཀྱང།
ཡིད་ལ་ལྷང་ལྷང་དྲན་གྱི།
                                                བུ་ང་སྐྱེས་པའི་དུས་ལ།
                    དཀའ་ངལ་དཔག་མེད་མྱོང་ཡོད།
                    ཁྱེད་ཀྱི་བཀའ་དྲིན་དེ་ནི།
                   ནམ་ཡང་བརྗེད་ཐབས་མི་འདུག།
ཟླ་དགུ་ཉིན་བཅུ་འཁུར་བའི།
དྲིན་ཆེན་ཨ་མ་ཁྱེད་རང།
སྐྱེས་མ་ཐག་དུ་ཡིན་ཡང།
དྲིད་ནི་ཁྱེད་ཀྱི་གངན་སོང།
མཇམ་པའི་གདན་ལ་བཞག་ནས།
གོས་ནི་ཁྱེད་ཀྱི་གཡོག་སོང།
བརྩེ་བའི་འཛུམ་གྱི་བསྲུད་ནས།
མིང་སྙན་ཁྱེད་ཀྱི་འབོད་སོང།

ཪླན་པར་ཁྱེད་རང་ཉལ་ནས།
སྐམ་སར་བུ་ང་ཉལ་སོང།
བཀའ་དྲིན་བརྗེད་ཐབས་མེད་པའི།
བུ་ངའི་དྲིན་ཆེན་ཨ་མ།
སྣབ་ལུས་ཁས་ཅིང་ཡིན་ཡང།
མི་གཙང་ལག་པའི་ཕྱིས་སོང།
སྐབས་རེ་ཉལ་རྒྱུ་མེད་ཡང།
སྲོག་ལས་གཅེས་པ་བཟུང་སོང།
སྐབས་རེ་བཟའ་རྒྱུ་མེད་ཡང།
ང་ལ་རྒྱག་ཚད་གནང་གྱི།
རང་ཉིད་གྲོད་ཁོག་ལྟོག་པར།
ལས་མང་ཁྱེད་ཀྱི་བྱེད་ཀྱི།
                                                ནམ་བརྗེད་ཐབས་མེད་པའི།
 དྲིན་ཆེན་ཨ་མ་ཁྱེད་རང།
ཁྱེད་ཀྱི་ཞབས་ལ་གཏུགས་ནས།
གུས་འདུད་བུ་ངས་བྱས་ཡོད།


བུ་ངའི་སེམས་པ་གཏིང་ནས།
བླ་མ་དཀོན་མཆོག་གསུམ་ལ།
བཀའ་དྲིན་གསོལ་བར་ཐུབ་པའི།
བུ་ངའི་སྨོན་ལམ་འདེབས་ཡོད།

Wednesday 7 November 2012

ངའི་མཐོ་སློབ་

ངའི་མཐོ་སློབ་

བུ་ཆུང་ང་ཡི་སེམས་ནང།
མཐོ་སློབ་ཀུན་གྱི་ནང་ནས།
བྷུན་ཏར་མཐོ་སློབ་དེ་ནི།
གཞན་དང་མི་འདྲ་ཞིག་གོ།

མཐའ་སྐོར་རི་ཡི་སྐོར་ཡོད།
རླུང་ཁམས་སིལ་ཞིང་གཙང་བ།
གནམ་གཤིས་ཚ་དྲོད་སྙོམས་པོ།
རྒྱུག་ཆུ་ལྷུང་ལྷུང་རྒྱུག་གྱི།

མཐོ་སློབ་དེ་ན་ཡོད་པའི།
སློབ་ཕྲུག་ལྔ་བཅུ་ང་གསུམ།
ཡ་རབས་སྤྱོད་བཟང་ལྡན་པ།
མ་འོངས་དགེ་རྒན་ཡིན་ནོ།

རྒྱུ་རྩལ་སྡེ་ཚན་སྦྱང་མཁན།
ཕྲུ་གུ་གསུམ་བཅུ་སོ་གཅིག།
ཕན་ཚུན་ནང་ཁུལ་ཆམས་པོ།
མ་འོངས་སོན་རྩ་ཡིན་ནོ།

ཚན་རིག་སྡེ་ཚན་སྦྱང་མཁན། 
སློབ་ལ་འབད་རྩོན་གནང་མཁན།
མ་འོངས་བོད་ཀྱི་སོན་རྩ།
ཕྲུ་གུ་ཉི་ཤུ་རྩ་གཅིག།
  
མཐོ་སློབ་དེ་ན་བསླབ་མཁན།
སློབ་སྦྱོང་ཚད་དང་ལྡན་པ།
དགེ་རྒན་ཡོ་དོ་གཅོག་པ།
སློབ་ཁྲིད་ལེགས་པར་བྱས་གྱི།














 

སྙིང་གཏམ་

བུ་ངའི་ཡིད་དབང་འཔྲོག་པའི།
བུ་མོ་བྱམས་པ་སྒྲོལ་མ།
ཁྱེད་རང་དྲན་པའི་དུས་ལ།
སྙན་ངག་བྲིས་ནས་བསྡད་ཡོད།


 ཁྱེད་རང་དྲན་དང་མི་དྲན།
ཡིག་ཆུང་འདི་ལ་གཟིགས་དང།
མིག་ཆུ་སྣག་དང་བསྲེས་ནས།
ཁྱེད་ཀྱི་དྲུང་དུ་ཕུལ་ཡོད།
 

ཁྱེད་ལ་སྤྲིང་པའི་བརྕེ་བ།
རྫུན་མ་རེ་འདུག་མ་བསམ།
ཁྱེད་ཀྱི་དོན་དུ་བུ་ངས།
སྤྱི་ཚོགས་ཡོངས་རྫགས་དབྱུགས་མཆོག།